- ཕྱི་ལོ་༢༠༢༠ཟླ་༣ཚེས་༢༥རེས་གཟའ་ལྷག་པ་ནས་བཟུང་ཨོ་སི་ཀྲི་ལི་ཡའི་མི་མང་ཡོངས་ལ་འགྲུལ་བསྐྱོད་མི་ཆོག་པའི་བཀའ་རྒྱ་ཕབ་ཡོད།
- ཕྱི་ལོ་༢༠༢༠ཟླ་༣ཚེས་༢༠རེས་གཟའ་པ་སངས།ཨོ་སི་ཀྲི་ལི་ཡའི་ཤར་ཕྱོགས་ཉིན་གུང་ཚད་འཛིན་དུས་ཚོད་ཀྱི་དགོང་དྲོའི་ཆུ་ཚོད་༩ནས་བཟུང་ཨོ་སི་ཀྲི་ལི་ཡའི་མི་སེར་དང་།ས་གནས་འདི་གར་གནས་སྡོད་བྱེད་མཁན།སོ་སོའི་ནང་མི་འབྲེལ་ཐག་ཉེ་ཤོས་བཅས་ཁོ་ན་ལས་གཞན་ཨོ་སི་ཀྲི་ལི་ཡའི་ནང་ལ་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད།
- ཨོ་སི་ཀྲི་ལི་ཡའི་ནང་ཕྱིར་ལོག་ཡོང་མཁན་ཚང་མས་ཉིན་གྲངས་༡༤རིང་ངེས་པར་དུ་རང་ཉིད་ཁེར་བཀག་བྱེད་དགོས།
འགྲུལ་བསྐྱོད་ཐད་བཀག་འགོག་དང་འབྲེལ་བའི་སྒྲིག་གཞིར་གློ་བུར་འགྱུར་བ་གཏོང་སྲིད་པས།དེ་བསྟུན་དགོས་མཁོ་ངེས་ཅན་མིན་ཚེ་དོན་མེད་ཕྱི་ལ་མ་དོན་ཞུ་རྒྱུ་དང་།དུས་བསྟུན་ཁ་སྐོང་བྱས་པའི་གནས་ཚུལ་ལ་དུས་ནས་དུས་སུ་བལྟ་ཞིབ་བྱོས།