སན་ཊར་ལིང་དང་།སྨན་བཅོས་ལྟ་སྐྱོང་ལས་གཞི།བྱིས་པའི་རོགས་སྐྱོར་བཅས་ཀྱི་ཚོང་ལས་ཁང་ཕལ་ཆེ་བར།དྲྭ་ཐོག་ནས།ཨེག་སི་པེ་རེ་སི་པི་ལ་སི་མཉེན་ཆས་མ་ལགཡང་ན་ཁ་པར་བརྒྱུད་ནས་འབྲེལ་བ་བྱེད་ཐུབ།དེ་མིན་རང་ཉིད་ནས་ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུའི་ཐབས་ལམ་གཞན་དག་འཚོལ་ཕྱིར་འདིར་མནན་ནས་ཨོ་སི་ཀྲི་ལི་ཡ་ཞབས་ཞུ་ཚན་པར་འབྲེལ་བ་བྱོས།
གཞུང་ནས་རང་ཉིད་ལ་རོགས་ཕན་ཅི་ཞིག་གི་ཐོབ་ཐང་ཡོད་མེད་ཤེས་རྒྱུར་གཤམ་དུ་བཀོད་པའི་དྲྭ་ངོས་རྣམས་ལ་གཟིགས།
རང་རང་སོ་སོའི་ས་གནས་འགན་འཛིན་ལས་ཁུངས་ནས་ད་ལྟའི་ཆར་མཐུན་རྐྱེན་རོགས་རམ་ཅི་ཞིག་སྤྲོད་ཀྱི་ཡོད་སྐོར་ཤེས་དགོས་ན།གཤམ་དུ་ཡོད་པའི་ཕྱོགས་སྟོན་དྲྭ་སྐུད་བརྒྱུད་སོ་སོའི་ས་གནས་འགན་འཛིན་ལས་ཁུངས་ཀྱི་དྲྭ་ཚིགས་ནས་དུས་བསྟུན་ཁ་སྐོང་བྱས་པའི་གནས་ཚུལ་ལ་གཟིགས།