ཁྲོམ་གཟིགས་ཁང་།
ཁྲོམ་གཟིགས་ཁང་ཁ་ཤས་ཀྱིས་ཟས་རིགས་རྣམས་དྲྭ་ཐོག་ནས་མངགས་ཉོ་བྱས་ཚེ།ཁྱེད་ཀྱི་སྒོ་འགྲམ་དུ་བསྐྱེལ་རྒྱུའི་ཞབས་ཞུ་གོ་སྒྲིག་ཞུ་ཡི་ཡོད།ཁྱིམ་དུ་སྐྱེལ་འགྲེམས་བྱེད་སྐབས་ཅ་དངོས་རྣམས་སྒོ་འགྲམ་དུ་འཇོག་དགོས་པའི་བསྐུལ་མ་བྱེད་དགོས།གཤམ་དུ་ཁྱིམ་གྱི་སྒོ་ཁར་དངོས་ཟོག་སྐྱེལ་འགྲེམས་གྱི་ཞབས་ཞུ་གོ་སྒྲིག་ཡོད་མཁན་ཚོང་ཁང་ཁག་གི་འབྲེལ་གཏུགས་བྱེད་ཕྱོགས་སྐོར་བཀོད་ཡོད།
- ཁོལ་སི།ད་ལྟའི་ཆར་ཁོལ་སི་ཚོང་ཁང་དེ་ཞོགས་པའི་ཆུ་ཚོད་༧ནས་༨བར་དམིགས་བསལ་རྒས་ཡོལ་ཐོབ་ཐང་གི་བྱང་བུ་ཡོད་མཁན་དང་།ཀོ་མན་ཝེལ་ཐི་རྒན་རབས་འཕྲོད་བསྟེན་ཐོབ་ཐང་གི་བྱང་བུ་ཡོད་པ།ཀམ་པེ་ནི་ཡོན་གྱི་བྱང་བུ་ཡོད་པ།དེ་བཞིན་ཧེལ་ཐི་ཁེར་གྱི་བྱང་བུ་ཡོད་མཁན་ཁོ་ནའི་ཆེད་དུ་སྒོ་ཕྱེ་ཡི་ཡོད།
- ཁོལ་སི་ཚོང་ཁང་ལ་དངོས་ཟོག་རྣམས་རང་ཁྱིམ་དུ་སྐྱེལ་འགྲེམས་གོ་སྒྲིག་ཡོང་ཐབས་སུ་༡༨༠༠༤༥༥༤༠༠ཐོག་ཁ་པར་ཐོངས།
-
སེ་ལེག་ཀྲི་འུལ་སི་ཝར་ཛི་ཚོང་ཁང་རྣམས་ཞོགས་པའི་ཆུ་ཚོད་༧ནས་༨བར་དམིགས་བསལ་རྒས་ཡོལ་ཕྱེད་བཅག་གི་ཐོབ་ཐང་ཡོད་མཁན་དང་།རྒས་ཡོལ་གྱི་བྱང་བུ་ཡོད་མཁན་ཚོའི་ཆེད་དུ་སྒོ་ཕྱེ་ཡི་ཡོད།
- དྲྭ་ཐོག་ནས་དམིགས་བསལ་དགོས་རིགས་ཀྱི་རོགས་རམ་འགེངས་ཤོག་བསྐངས་པའམ་ཁ་པར་ཐོག་༡༨༠༠༠༠༠༦༡༠ལ་དངོས་ཟོག་རྣམས་སྒོ་འགྲམ་དུ་སྐྱེལ་འགྲེམས་གོ་སྒྲིག་ཡོང་བའི་རེ་སྐུལ་ཞུ་དགོས།
སྨན་བཅོས།
གལ་ཏེ་ཁྱེད་རང་ཁེར་སྡོད་བྱེད་རིང་དགོས་ངེས་ཀྱི་སྨན་བཅོས་རྣམས་རྫོགས་ན།རང་ཉིད་ཀྱི་གྲོགས་པོའམ།ནང་མི།ཡང་ན་རྒྱུན་གཏན་གྱི་སྨན་ཚོང་ཁང་ཞིག་ནས་སྨན་རྣམས་སྒོ་ཁར་སྐྱེལ་རྒྱུར་རེ་སྐུལ་ཞུས་ན་འགྲིག
གལ་སྲིད་ཁྱེད་རང་གི་སྨན་ཚོང་ཁང་དེ་ཁྱིམ་དུ་སྨན་སྐྱེལ་ཞབས་ཞུ་(Home Medicines Services) ལ་དེབ་སྐྱེལ་བྱས་ཡོད་ཚེ་ལས་གཞི་དེ་ལ་འབྲེལ་བ་བྱས་ཀྱང་ཆོགལས་གཞི་དེ་གནས་སྐབས་རིང་ང་ཚོའི་སྤྱི་ཚོགས་ནང་ཉེན་ཁ་ཆེ་ཤོས་ཀྱི་ཡུལ་མི་རྣམས་ཏོག་དབྱིབས་གཉན་རིམས་ཕོག་པ་ལས་སྐྱོབ་ཆེད་གསར་དུ་གོ་སྒྲིག་ཞུས་པ་ཞིག་ཡིན།ལས་གཞི་འདི་བརྒྱུད་ཁྱེད་ལ་དགོས་མཁོ་ཡོད་པའི་སྨན་བཅོས་ཀྱི་རིགས་རྣམས་རང་ཁྱིམ་གྱི་སྒོ་འགྲམ་དུ་སྐྱེལ་འགྲེམས་བྱེད་ཀྱི་ཡོད།གནས་ཚུལ་རྒྱས་པ་ཤེས་དགོས་ན་འདིར་གནོན།