སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ།
ཁེར་བཀག་དང་སེམས་ངལ་གཉིས་ཀྱིས་ཁྱེད་རང་གི་སེམས་ཀྱི་འཕྲོད་བསྟེན་ལེགས་པོ་ཡོང་བར་དོ་ཕོག་གཏོང་སྲིད་པས།བྷི་ཡོན་ཌི་ཝི་ལུ།དང་།ཧེ་ཀྲི་ཀྲུ་ཧེལ་ཐི།ལ་ཡི་ཧྥོ་ལ་ཡན་བཅས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བཞིན་པའི་སྐབས་འདིར། རང་ཉིད་ཀྱི་སེམས་ཀྱི་འཕྲོད་བསྟེན་ལ་ལྟ་རྟོག་ཇི་ལྟར་བྱ་དགོས་པའི་སྐོར་གྱི་ལམ་སྟོན་འགའ་ཞིག་འདུག
གལ་ཏེ་རང་ཉིད་ཀྱི་སེམས་ངལ་སྐོར་ལ་རོགས་རམ་ཞུ་དགོས་ན་གཤམ་གྱི་དྲྭ་སྐུད་ལ་འབྲེལ་གཏུགས་བྱོས།
- བྷི་ཡོན་ཊི་ཝི་ལུ།–འདིར་ཆུ་ཚོད་༢༤ཆ་ཚང་ཁ་པར་དང་དྲྭ་ལམ་འཕྲིན་ཐུང་བརྒྱུད་ལམ་སྟོན་ཞུ་རྒྱུ་ཡོད། (ཉིན་རྒྱབ་ཆུ་ཚོད་༣ནས་ཞོགས་པའི་ཆུ་ཚོད་༡༢བར་སྒོ་ཕྱེ་ཡི་ཡོད།)
- མེན་སི་ལ་ཡན།–འདིར་སྐྱེས་པ་རྣམས་ཀྱི་ཆེད་དུ་ཆུ་ཚོད་༢༤ཆ་ཚང་ཁ་པར་དང་དྲྭ་ལམ་བརྒྱུད་ལམ་སྟོན་ཞུ་རྒྱུ་ཡོད།
- ཁིའུ་ལ་ཡི་ཧྥ།–བུད་མེད་མཚན་མཐུན་དང་།སྐྱེས་པ་མཚན་མཐུན།ཕོ་མོ་གཉིས་མཐུན།མཚན་གཉིས་མ་ནིང་།མ་ནིང་བཅས་ཕན་ཚུན་རོགས་ཕན་ཚོགས་པ། (བདུན་ཕྲག་གཅིག་གི་ནང་ཉིན་ལྟར་ཉིན་རྒྱབ་ཆུ་ཚོད་གསུམ་པ་ནས་མཚན་དཀྱིལ་བར་སྒོ་ཕྱེ་ཡི་ཡོད།)
- ཀི་ཚི་ཧེབ་ལ་ཡན།–ཕྲུ་གུའི་བདེ་དོན་ཞབས་ཞུ་ཐོབ་རྒྱུར་ཁ་པར་དང་།དྲྭ་ལམ་འཕྲིན་ཐུང་།གློག་འཕྲིན་སོགས་བརྒྱུད་ནས་འབྲེལ་བ་བྱ་ཡུལ།
- ཧེ་ཀྲི་སི་པེ་སི།–ལོ་ན་༡༢ནས་༢༥དབར་གྱི་ན་གཞོན་ཚོར་རོགས་རམ་ལེན་ཡུལ།
- པེ་རེན་ཀྲི་ལ་ཡན།–ཕྲུ་གུར་བདག་སྐྱོང་བྱེད་མཁན་གྱི་ཕ་མ་དང་།སྤོ་རྨོ།དེ་བཞིན་ཕྲུ་གུ་ལྟ་རྟོག་བྱེད་མཁན་སོགས་ཀྱི་ཆེད་དུ་རོགས་སྐྱོར་ལེན་ས།
- ཨོ་སི་ཀྲི་ལི་ཡའི་ལ་ཡི་ཧྥ་ལ་ཡན།ཡང་ན་རང་སྲོག་གཅོད་པར་འགྲོ་མཁན་ཚོར་མྱུར་སྐྱོབ་ཞབས་ཞུ།(བདུན་གཅིག་གི་ཉིན་ལྟར་ཆུ་ཚོད་༢༤སྒོ་ཕྱེ་ཡོད།)
སེམས་ནད་ལས་འགྲོལ་ཐབས།
གལ་ཏེ་ཏོག་དབྱིབས་གཉན་རིམས་དེས་རྐྱེན་བྱས་ནས་ཁྱེད་རང་ངམ།རང་གི་གཉེན་ཉེར་སྔར་འཕྲད་ཟིན་པའི་སེམས་ནད་བསྐྱར་ལོག་བྱས་པ་བྱུང་ཚེ་ངེས་པར་དུ་རོགས་རམ་ཞུ་དགོས།དེ་ལྟར་ང་ཚོས་དུས་སྐབས་ཉག་ཕྲ་བོ་འདིའི་ཁྲོད་ཁྱེད་རྣམས་ལ་རོགས་རམ་ཞུ་མཁན་གྱི་ཚོགས་སྡེ་དང་ཞབས་ཞུའི་བྱེད་སྒོ་ཁག་བརྒྱུད་སྤྲོད་བྱེད་ཐུབ་པ་ཡོང་ངེས།གཤམ་དུ་འཁོད་པའི་འབྲེལ་གཏུགས་བྱ་ཡུལ་ཁག་གིས་ཁྱེད་རང་ལ་སེམས་ནད་ལས་འགྲོལ་ཐབས་ཀྱི་རོགས་རམ་བྱ་ངེས་ཡིན།
- ཨེམ་སྦེ་རེ་སི།རིག་གཞུང་སྣེ་མང་གི་སེམས་ཀྱི་འཕྲོད་བསྟེན།- འདིར་རང་རང་སོ་སོའི་རིག་གཞུང་དང་འཚམས་པའི་སེམས་ཀྱི་འཕྲོད་བསྟེན་སྐོར་གྱི་ལམ་སྟོན་དང་།ཤེས་བྱ།ཞབས་ཞུའི་མཐུན་རྐྱེན་སོགས་ཡོད།
- ཧེ་ཀྲི་ཀྲུ་ཧེལ་ཐི། - སེམས་ནད་དང་སེམས་ངལ་སེལ་རྒྱུའི་འབྲེལ་ཡོད་ཤེས་བྱ་མཁོ་འདོན་བྱ་ཡུལ།
ཁྱིམ་ཚང་དང་ནང་མིའི་ཁྲོད་ཀྱི་དྲག་སྤྱོད་མྱོང་མཁན་ཚོར་རོགས་སྐྱོར།
ད་ལྟའི་གནས་བབ་འདི་མི་མང་པོ་ཞིག་ལ་དཀའ་ངལ་ཆེ་བའི་དུས་ཚོད་ཅིག་ཡིན།གལ་ཏེ་ཁྱེད་རང་ཁྱིམ་ཚང་དུ་དྲག་སྤྱོད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་ན།གཅིག་པུར་མྱོང་མ་དགོས་པར་ང་ཚོར་འབྲེལ་བ་བྱོས་དང་།དེས་ཁྱིམ་ཚང་ནང་དྲག་སྤྱོད་མྱོང་བཞིན་པའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་གི་ཡོད།
དེ་ལྟར་ནང་མི་གཞན་དང་།གྲོགས་པོ།ལས་རོགས།དེ་བཞིན་རོགས་པ་བྱེད་མཁན་གྱི་ཚོགས་སྡེ་ཁག་བཅས་ཀྱི་རོགས་སྐྱོར་ལེན་ཐུབ།གཤམ་དུ་འབྲེལ་བ་བྱ་ཡུལ་ཁག་ཅིག་ཡོད་པ་དེ་དག་ལ་དུས་ཚོད་ནམ་ཡིན་ལ་ཁ་པར་གཏོང་ཆོག
- རང་ཉིད་ཚུད་པའི་གཞན་སུ་ཞིག་ཉེན་ཁའི་ནང་ཡོད་ཚེ་༠༠༠ལ་ཁ་པར་ཐོངས།
- རི་སི་པེག་ཀྲི༡༨༠༠- རྒྱལ་ཡོངས་དྲག་པོའི་ལོག་གཡེམ་དང་།ཁྱིམ་ཚང་དང་ནང་མིའི་དྲག་སྤྱོད་མྱོང་མཁན་ཆེད་ལམ་སྟོན་ཞབས་ཞུ་ཚན་པ། (བདུན་གཅིག་གི་ཉིན་ལྟར་ཆུ་ཚོད་༢༤སྒོ་ཕྱེ་ཡོད།)
- གདོད་མའི་མི་རིགས་ཀྱི་ཁྱིམ་ཚང་ནང་དྲག་སྤྱོད་མྱུར་སྐྱོབ་ཨང་གྲངས།– ༡༨༠༠༠༡༩༡༢༣