ཕྱི་ལོ་༢༠༢༠ཟླ་༣ཚེས་༢༣རེས་གཟའ་མིག་དམར་ནས་བཟུང་ཕ་མ་ཚོར་བུ་ཕྲུག་རྣམས་རང་ཉིད་ཀྱི་ཁྱིམ་དུ་འཇོག་དགོས་པའི་བསྐུལ་མ་གནང་ཡོད།
གཞུང་ནས་ལོ་ན་ཕྲ་བའི་བྱིས་པའི་སློབ་གསོ་དང་བདག་སྐྱོང་ངལ་སེལ་ལས་བྱའི་སྐོར་གསལ་བསྒྲགས་གནང་སྟེ།ཕ་མ་ཚོར་བྱིས་པ་བདག་སྐྱོང་ཞབས་ཞུའི་རིན་པ་ཆག་ཡང་ཡོད་མུས།ལས་ཁུངས་དེ་སྒོ་ཕྱེ་ནས་འཇོག་རྒྱུར་རྒྱབ་སྐྱོར་དང་ལས་བྱེད་ཚོ་མུ་མཐུད་ལས་ཀར་ཡོང་ཆོག་པ་བཟོས་ཡོད།དེའི་སྐོར་མུ་མཐུད་འདི་ནས་ཀློག
དུས་སྐབས་འདིའི་ནང་ཕ་མ་ཚོས་རང་གི་བུ་ཕྲུག་ལ་ནད་ངན་འདིའི་སྐོར་འགྲེལ་བཤད་བརྒྱབ་སྟེ་ཁོང་ཚོར་གནས་བབ་འདིར་གདོང་ལེན་བྱེད་རྒྱུའི་རོགས་རམ་བྱེད་དགོས།
གཤམ་དུ་ཡོད་པའི་ཤེས་བྱ་རྣམས་བེད་སྤྱོད་བྱས་ནས་རང་ཉིད་ཀྱི་བུ་ཕྲུག་ལ་ཏོག་དབྱིབས་གཉན་རིམས་འདིའི་སྐོར་འགྲེལ་བརྗོད་བྱེད་དགོས།
- #ཏོག་དབྱིབས་གཉན་རིམས་ཀྱི་དེབ།–འདི་ནི་ཕྲུ་གུ་ལོ་ན་༧ལས་ཆུང་བ་ཚོར་ཏོག་དབྱིབས་གཉན་རིམས་ཀྱི་ཐོག་ལ་རོགས་རམ་དང་བློ་སྤོབས་སྤྲོད་བྱེད་ཀྱི་དེབ་ཆུང་ཞིག་ཡིན།
- བློ་གསར།–འདི་ནི་ཕྲུ་གུ་ཚོར་རང་བྱུང་གོད་ཆག་དང་།སེམས་ངལ་སྤྲོད་པའི་དོན་རྐྱེན།ཡང་ན་མ་འོངས་པའི་ཐད་སེམས་ཁྲལ་བཅས་ཀྱི་སྐོར་ལ་ཁ་བརྡ་བྱེད་པའི་བརྙན་པར་ཡིན།
- མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་རོགས་དངུལ་ཚོགས་པ།–འདིར་ཕྲུ་གུ་ཚོར་ཏོག་དབྱིབས་གཉན་རིམས་སྐོར་ཇི་ལྟར་གོ་བརྡ་སྤྲོད་དགོས་པའི་སྐོར་བཀོད་ཡོད།
- བྱིས་པ་གསོ་སྐྱོང་བྱེད་ཚུལ།–འདིར་ཨོ་སི་ཀྲི་ཡའི་ནང་བྱིས་པ་དང་ཏོག་དབྱིབས་གཉན་རིམས་སྐོར་བཀོད་ཡོད།
- ཨོ་སིའི་སློབ་གསོ་བ།–བྱིས་པར་ཁྱིམ་དུ་སློབ་སྦྱོང་སྤྲོད་རྒྱུའི་ཤེས་མཛོད།
- ཝིག་ཀྲོ་རི་ཡ་འཕྲོད་བསྟེན་དང་འགྲོ་བ་མིའི་ཞབས་ཞུ་ཚོགས་པ།- རྒྱང་སྡོད་བྱ་ཚུལ་གྱི་བྱེད་སྒོ་དང་ཕྲུ་གུ་ཡོད་པའི་ཁྱིམ་ཚང་ཚོར་ལམ་སྟོན། (ཡིག་ཆ་འདི་ཝོ་ཌི་ནང་ཡོད།)