སྨན་བཅོས་རོགས་རམ་ལེན་ཚུལ།

དབུས་གཞུང་གི་དྲྭ་ཚིགས་ནང་འཁོད་ལྟར་ན།ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་སུ།ན་ཚ་ཅུང་ཡང་པོ་ནས་གློ་བའི་གཉན་ནད་བར་ཐོན་གྱི་ཡོད།  

ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ྣམས་ཆམ་པ་དང་ཚ་བའི་ན་ཚ་གཞན་དང་མཚུངས་ཤིང་།ནད་རྟགས་སུ།

  • ཚ་བ་རྒྱས་པ།
  • མིད་པ་ན་བ།
  • གློ་རྒྱག་པ།
  • ཐང་ཆད་པ།
  • དབུགས་གཏོང་ལེན་དཀའ་བསོགས་ཡོང་གི་ཡོད།
  • གོང་གི་ནད་རྟགས་རྣམས་ཀྱི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ན་འདིར་གནོན།

གལ་ཏེ་ཁྱེད་རང་གིས

  • རང་ཉིད་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་འདུག་སྙམ་ན།རྒྱལ་ཡོངས་ཏོག་དབྱིབས་གཉན་རིམས་མྱུར་སྐྱོབ་ཁ་པར་དྲྭ་སྐུད་ (༡༨༠༠༠༢༠༠༨༠)ག་ཁ་པར་གཏོང་བའམ།རང་ཉིད་ཀྱི་སྨན་པའི་ལམ་སྟོན་ཞུ་དགོས།
  • རང་ཉིད་ལ་དབུགས་གཏོང་ལེན་དཀའ་བ་སོགས་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཚབས་ཆེན་འདུག་སྙ་ན།ཛ་དྲག་སྨན་བཅོས་རོགས་རམ་ཐོབ་ཕྱིར་༠༠༠ལ་ཁ་པར་ཐོངས།
  • རང་ཉིད་ལ་ནད་རྟགས་ཡོད་མེད་ྟག་དཔྱད་བྱ་འདོད་ན།འཕྲོད་བསྟེན་ཐད་མཐུད་ཀྱིསཏོག་དབྱིབས་ནད་རྟགས་འཚོལ་བྱེད་ཀྱི་ལག་ཆ་ཞིག་གསར་བཟོ་བྱས་ཡོད་པ་དེས་སྐབས་བབ་ཅི་ཞིག་བྱེད་དགོས་པའི་ཐོག་ལམ་སྟོན་བྱེད་ཀྱི་རེད།
  • རང་ཉིད་ཕྱི་ླིང་ནས་གསར་དུ་འབྱོར་མི་ཡིན་པ་དང་།ནད་ངན་དེས་ན་གི་ཡོད་ཚེ་རིན་མེད་སྐད་བསྒྱུར་ཞབས་ཞུ་ཐོབ་ཕྱིར་༡༣༡༤༥༠ལ་ཁ་པར་བཏང་སྟེ་རང་ཉིད་ཀྱི་མ་སྐད་གང་ཡིན་དང་།ཁོང་ཚོའི་རོགས་རམ་འོག༡༨༠༠༠༢༢༢༢༢ལ་ཁ་པར་བཏང་ནས་འཕྲོད་བསྟེན་ཐག་མཐུད་ལ་འབྲེལ་བ་བྱས་ན།ཁོང་ཚོས་ག་རེ་བྱེད་དགོས་པའི་ཐོག་ལམ་སྟོན་བྱེད་ཀྱི་རེད།

Share