བདེ་འཇགས་དང་བཀག་རྒྱའི་སྐོར་གྱི་ལམ་སྟོན།

འཕྲོད་བསྟེན་ལྷན་ཁང་ནསརང་གཞན་ཚང་མ་སྲུང་སྐྱོབ་བྱ་ཕྱིར།གཙང་སྦྲ་ལེགས་པོདང་།ཁེར་བཀགདེ་བཞིན་རྒྱག་སྡོད་བྱ་རྒྱུབཅས་ལ་སྐུལ་མ་གནང་གི་ཡོད།

གཙང་སྦྲ་ལེགས་པོ།
གཙང་སྦྲའི་ནངརང་ཉིད་ཀྱི་ལག་པ་གཙང་མ་འཁྲུ་བ་དང་།གློ་རྒྱག་དུས་ཁ་འགེབ་པ།ལས་ཁུངས་དང་རང་ཁྱིམ་གཙང་མ་བཟོ་བ་བཅས་ཚུད་ཡོད།

ཁེར་བཀག
ཁེར་བཀག་ཟེར་བ་ནི་རང་ཉིད་ཀྱི་ཁྱིམ་དུ་ཉིན་གྲངས་༡༤རིང་ལོགས་སུ་སྡོད་རྒྱུར་གོ་དགོས།དེ་ལྟར་སྡོད་དགོས་མཁན་གྱི་གང་ཟག་སུ་འདྲ་ཞིག་ཆགས་ཀྱི་ཡོད་པ་དང་ཇི་ལྟར་སྡོད་དགོས་པའི་སྐོར་ཤེས་དགོས།

རྒྱང་སྡོད
འདུ་འཛི་ཆེ་ས་དང་།རང་ཁྱིམ།ལས་ཁུངས།དེ་བཞིན་སློབ་གྲྭ་བཅས་སུ་རྒྱང་སྡོད་ཇི་ལྟར་བྱ་དགོས་པའི་སྐོར་ཤེས་དགོས།

 

འཕྲོད་བསྟེན་གྱི་ཐད་ལམ་སྟོན་དང་བཀག་རྒྱ།

  • གལ་ཏེ་ཁྱེད་རང་ཁྲོམ་ནས་དགོས་ངེས་དངོས་ཟོག་ཉོ་བར་འགྲོ་གི་ཡོད་པ་དང་ྨན་ཁང་ལ་འགྲོ་དགོས་པ།ལུས་རྩལ་རྩེད་བར་འགྲོ་དགོས་པ།ལས་ཀ་དང་སློབ་སྦྱོང་བྱེད་དགོས་པ་སོགས་ཡིན་ན་ཕྱིར་བསྐྱོད་ཆོག་པ་ལས།གཞན་ཚང་མས་རང་གི་ནང་དུ་སྡོད་དགོསམུ་མཐུད་འདི་ནས་ཀློག

  • རང་ལོ་༧༠ཡན་དང་།རང་ལོ༦༥ཡན་ཡིན་པ་གང་ཞིག་སྔོན་ཚུད་ནས་ན་ཚ་ཡོད་པ།དེ་བཞིན་རང་ལོ་༥༠ཡན་གྱི་གདོད་མའི་མི་རིགས་གང་ཞིག་ལ་སྔོན་ཚུད་ནས་ན་ཚ་ཡོད་པ་སོགས་ཡིན་ཚེ།རང་ཉིད་ཀྱི་བདེ་འཇགས་ཆེད་རང་ཁྱིམ་གང་དུ་ཡོད་པ་དེར་སྡོད་དགོས།

  • ཕྱི་ལོ་༢༠༢༠ཟླ་ཚེས་༢༣གྱི་ཉིན་གུང་ནས་བཟུང་ནིའུ་སའོ་ཐོ་ཝལ་སི་མངའ་སྡེའི་ནང་གལ་ཆེན་མ་ཡིན་པའི་བྱེད་སྒོ་དང་ཚོང་རིགས་རྣམས་མཚམས་འཇོག་བྱེད་བཅུག་ཡོད།
     

Share