མི་ཡོངས་རྫོགས་ལ་ཏོག་དབྱིབས་གཉན་རིམས་འདི་འགོས་རྒྱུའི་ཉེན་ཁ་ཡོད་སྟབས  ཚང་མས་རང་གཞན་གཉིས་ཀ་ནད་ངན་དེ་ལས་སྐྱོབ་ཐབས་བྱ་དགོས།

དམིགས་བསལ་ཨོ་སི་ཀྲི་ལི་ཡའི་གདོད་མའི་མི་རིགས་དང་།ཀྲོ་རི་སི་ཁྲི་རེ་ཀྲི་གླིང་ཕྲན་པ་ལོ་ན་༥༠ཡོལ་བ།སྔར་ནས་ནད་ཚབ་ལྕི་པོ་ཡོད་བཞིན་པ་ཚོས་གཟབ་ནན་དགོས་གལ་ཆེ་བས།འདིར་གལ་ཆེའི་ཤེས་བྱ་འགའ་ཞིག་བཀོད་ཡོད།

མཛད་སྒོ་ཁག་དང་མྱ་ངདུ་འཛོམས་ལ་དོ་ཕོག

མྱ་ངན་འདུ་འཛོམས་ལྟ་བུའི་རིག་གཞུང་དང་འབྲེལ་བའི་མཛད་སྒོ་ཆེ་ཁག་རྣམས་ང་ཚོའི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་གལ་གནད་ཆེན་པོ་ཡིན་མོད།ད་ལྟའི་ཆར་ཕྱི་ནང་གི་འདུ་འཛོམས་ལ་བཀག་རྒྱ་ཡོད་པའི་སྐབས་འདིརང་ཚོས་རང་ཉིད་ཀྱི་སྤྱི་ཚོགས་འདི་ཉིད་གཉན་སྲིན་ལས་སྐྱོབ་ཐབས་བྱེད་ཕྱིར།ཆོ་ག་དེ་དག་སྒྲུབ་རྒྱུའི་ཐབས་ལམ་གཞན་དག་འཚོལ་དགོས་པས།རང་རང་སོ་སོའི་སྡེ་ཁག་གི་མི་རབས་རྒན་པ་དང་།ས་ཁུལ་གྱི་ལམ་སྟོན་ལྷན་ཚོགས་རྣམས་ལ་མྱ་ངན་མཛད་སྒོ་དེ་དག་བསྒྲུབ་ཐུབ་པའི་ཆེད་སློབ་སྟོན་ཞུ་དགོས།


ལུང་ཁུག་གི་སྤྱི་ཚོགས་ལ་བཀག་རྒྱ།

བྱང་ཕྱོགས་ས་ཁུལ་དང་།ཁུན་སི་ལན་ཌི།ལྷོ་ཨོ་སི་ཀྲི་ལི་ཡ།ནུབ་ཨོ་སི་ཀྲི་ལི་ཡ་བཅས་སུ་ལུང་ཁུག་ས་ཁུལ་དུ་འགྲོ་བསྐྱོད་མི་ཆོག་པའི་བཀག་རྒྱ་བཏང་ཡོད།ད་ལྟའི་ཆར་སྤྱི་ཚོགས་བཀག་རྒྱའི་དོ་དམ་འོག་ལུང་ཁུག་དེ་དག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགོག་སྲུང་དང་།སྤྱི་ཚོགས་བདེ་འཇགས་ཡོང་བ་བྱས་ཡོད

ཁྱེད་རང་བཀག་རྒྱ་ཡོད་པའི་ས་ཁྱོན་གྱི་ཚོགས་སྡེ་ཕན་ཚུན་དབར་འགྲུལ་སྐྱོད་བྱེད་ཆོག་ཀྱང་།ཚོགས་སྡེ་ཐ་དད་ཀྱི་དབར་གཉན་སྲིན་ཁྱབ་གདལ་ཡོང་བའི་ཉེན་ཁ་བཟོ་བ་ལས།རང་ཉིད་ཁོ་ནའི་ཚོགས་སྡེའི་ནང་འགྲོ་བསྐྱོད་བྱས་ན་བཟང་།གལ་ཏེ་ཚོགས་སྡེ་གཞན་དུ་འགྲོ་དགོས་བྱུང་ཚེ་ནང་འཛུལ་མ་བྱས་གོང་ལ་ཉིན་གྲངས༡༤རིང་ཁེར་བཀགབྱ་དགོས།

མངའ་སྡེ་དང་ས་ཁུལབྱེ་བྲག་པ་སོ་སོའི་འབྲེལ་ཡོད་གནས་ཚུལ་ལམདྲྭ་མཐུད་ལྟ་འཚོལ་བྱེད་དགོས་ཚེ།དྲྭ་ཚིགས་འདིརniaa.gov.auགནོནདང་།ང་ཚོས་འདི་ལྟར་མཉམ་དུ་གཉན་སྲིན་འདིར་ཁ་གཏད་བཅག་ནས་རང་ཉིད་ཀྱི་སྤྱི་ཚོགས་སྲུང་སྐྱོབ་བྱའོ

Share