ཨོ་སི་ཀྲི་ལི་ཡའི་མི་འབོར་ས་ཡ་ལྔ་ལྷག་གིས་ཨིན་སྐད་མིན་པའི་སྐད་ཡིག་གཞན་བེད་སྤྱོད་བྱེད་ཀྱི་ཡོད།ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་རྙོག་ཟིང་ལང་བཞིན་པའི་སྐབས་འདིར།ཚོགས་སྡེ་འདྲ་མིན་དེ་ཚོར་གལ་གནད་ཆེ་བའི་འཕྲོད་བསྟེན་ཤེས་བྱ་གོ་རྟོགས་གསལ་པོ་དགོས་རྒྱུ་གལ་ཆེ་བས།ཏོག་དབྱིབས་གཉན་རིམས་འདི་དང་འབྲེལ་བའི་བསམ་ཚུལ་དང་གནས་ཚུལ་ནོར་བ་འདྲ་མིན་ཡོང་གི་ཡོད་སྟབས། ཨིན་སྐད་མི་ཤེས་པ་རྣམས་ལ་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་ཙང་རང་སྐད་ནང་དངོས་ཡོད་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དེ་བས་ཀྱང་དགོས་གལ་ཆེན་པོ་ཆགས་ཡོད།
ནང་སྲིད་ལྷན་ཁང་གི་ཏོག་དབྱིབས་གཉན་རིམས་སྐོར་གྱི་ཐོ་གཞུང་།
ཨོ་སི་ཀྲི་ལི་ཡའི་ནང་སྲིད་ལྷན་ཁང་གིས་སྐད་ཡིག་ཁག་༡༧ནང་ཏོག་དབྱིབས་གཉན་རིམས་སྐོར་གྱི་ཐོ་གཞུང་འགྲེམས་སྤེལ་ཞུས་ཡོད།དེ་འབྲེལ་གནས་ཚུལ་ཁག་འདིར་མནན་ནས་ཨོ་སི་ཀྲི་ལི་ཡའི་གཞིས་ཆགས་ལས་ཁང་གི་དྲྭ་ཚིགས་ཤེས་བྱ་ནས་བལྟ་ཐུབ།
ཨས་སྦི་ཨས་ཀྱི་སྐད་ཡིག་སྣེ་མང་ནང་ལ་ཏོག་དབྱིབས་གཉན་རིམས་སྐོར་གྱི་སྒོ་ཁུང་།
རིག་གཞུང་སྣེ་མང་ཅན་གྱི་ཨོ་སི་ཀྲི་ལི་ཡའི་ཡུལ་མི་རྣམས་ལ་ཞབས་འདེགས་སྒྲུབ་ཕྱིར།ཨས་སྦི་ཨས་ནས་ཉེ་ཆར་ཨས་སྦི་ཨས་ཀྱི་སྐད་ཡིག་སྣེ་མང་ནང་ལ་ཏོག་དབྱིབས་གཉན་རིམས་སྐོར་གྱི་སྒོ་ཁུང་ཞེས་པའི་ལས་གཞིའི་བརྒྱུད་ནས་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་དང་གསར་འགྱུར་སྐད་ཡིག་མི་འདྲ་བ་༦༠ཡི་ནང་བཀོད་ཡོད།
བརྒྱུད་ལམ་དེའི་ཏོག་དབྱིབས་གཉན་རིམས་གྲངས་ཐོའི་དུས་བསྟུན་ཁ་སྐོང་གནས་ཚུལ་རྣམས་དུས་ཐོག་ཤེས་རྟོག་ཡོད་པ་བྱོས།
འདིར་རིག་གཞུང་དང་སྐད་ཡིག་ཐ་དད་ཀྱི་ཚོགས་སྡེ་ཁག་ལ་སོ་སོའི་མ་སྐད་ཐོག་ཏོག་དབྱིབས་གཉན་རིམས་སྐོར་གྱི་ཕན་ཐོགས་ཅན་གྱི་ཤེས་བྱ་འགའ་ཞིག་བཀོད་ཡོད།
- ནིའུ་སའོ་ཐོ་ཝལ་སི་འཕྲོད་བསྟེན་ཚན་པའི་སྐད་མང་ཤེས་བྱ།
- ཝིག་ཀྲོ་རི་ཡ་འཕྲོད་བསྟེན་ཚན་པའི་སྐད་མང་ཤེས་བྱ།
- ཨིདྷ་ནོ་ལིང་གིས་ཡིག་བསྒྱུར་ཟིན་པའི་ཤེས་བྱ་རྣམས་སྐད་ཡིག་༢༤ནང་ཡོད།
- རྒྱལ་ཡོངས་དབང་སྐྱོན་ཉེན་སྲུང་ལས་གཞི་དང་རང་བྱུང་གོད་ཆག་ངལ་སྐྱོབ་ཚོགས་པའི་ཡིག་བསྒྱུར་ཟིན་པའི་ཤེས་བྱ།
- སྐད་ཡིག་༤༦ནང་ཡོད་པའི་དབུས་གཞུང་སྤྱི་ཚོགས་ཞབས་ཞུའི་ཁྱིམ་ཚང་བདེ་སྲུང་ལས་བྱ།